Path to Dharma
Path to Dharma
  • Home
  • Program in English
  • Program in Bodhi
  • Gallery
  • More
    • Home
    • Program in English
    • Program in Bodhi
    • Gallery
  • Home
  • Program in English
  • Program in Bodhi
  • Gallery

༄༅། །བདེ་གཤེགས་སྙིང་པོའི་སྒོམ་ཁྲིད་ཀྱི་གསལ་བསྒྲགས།

ལ་དྭགས་ ༢༠༢༥

དམིགས་ཡུལ།

༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་

གྲུབ་པ་མཆོག་གིས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ནང་ཆོས་
དོན་གཉེར་ཅན་གཞི་རིམ་མི་མང་ཁྲོད་དམ་པའིི་ཆོས་ཀྱི་གོ་

རྟོགས་དང་ཉམས་བཞེས་གནད་སྨིན་ཡོང་བར་དམིགས་ཏེ།
མགོན་པོ་གང་གིས་སྐུ་ཚེའི་རིང་དམ་ཆོས་འཆད་ཁྲིད་མཛད་

པའི་ཉམས་མྱོང་དང་སྦྲགས་ཁྲིད་ཡིག་ལྗགས་རྩོམ་གྱིས་
གཏན་ལ་ཕབ་པའི་ལོ་རིམ་གསུམ་ཅན་དམ་ཆོས་ཉམས་སུ་

ལེན་ཚུལ་སྟབས་བདེ་ཞིག་ཡིན།

ཕན་ཡོན།

ཉམས་སུ་བླང་བྱ།

ཕྱི་དངོས་པོར་གཡེང་བ་མང་བའི་དབང་གིས། ནང་གི་བསམ་བློ་ལ། གནོན་ཤུགས་དང་སྔངས་སྐྲག ། འགྲན་སེམས་དང་ རང་འདོད། བློ་ཕམ་དང་ཐབས་ཟད། ཁེར་རྐྱང་དང་སྒྱིད་ལུག་གི་བསམ་བློ་སོགས་རིམ་གྱིས་ཞི། སེམས་ལས་སུ་རུང་ ཞིང་དགེ་བའི་དམིགས་པ་ལ་བཀོལ་ཐུབ། ཉོན་མོངས་དང་རྣམ་རྟོག་གི་ནུས་པ་ཇེ་ཆུང་དང་། གནས་ལུགས་མཐོང་བ་ཇེ་གསལ་དུ་འགྲོ། དམ་པའི་ཆོས་ཀྱི་སྒྲོམ་གཞི་རྟོགས་ནས་ཆོས་ཀྱི་ལམ་ལ་འགྲོ་ཤེས་མཁན་གྱི་ནང་པ་སངས་རྒྱས་ པ་ཚད་ལྡན་ཞིག་ཆགས་ཐུབ།

ཉམས་སུ་བླང་བྱ།

ཉམས་སུ་བླང་བྱ།

ཉམས་སུ་བླང་བྱ།

  ལོ་རིམ་དང་པོ། བཀའ་དང་པོའི་འཇུག་སྒོ། ལོ་རིམ་གཉིས་པ་བཀའ་བར་མཐའི་འཇུག་སྒོ། ལོ་རིམ་གསུམ་པ་གསང་ སྔགས་ཀྱི་འཇུག་སྒོ་བཅས་སོ། །ལོ་རིམ་དང་པོའི་ངོ་སྤྲོད་དང་ཉམས་ལེན་ནི། དབུགས་དང་ཡིད་བཟླས་ཀྱི་ཞི་གནས། རང་དང་སྤྱིའི་མཚན་ཉིད་ཅན་གྱི་དྲན་པ་ཉེར་བཞག །བདེན་བཞི་དང་སྐྱབས་འགྲོ་བཅས་ཁྲིད་སྒོམ་སྦྲགས་མ།

ཆ་རྐྱེན།

ཉམས་སུ་བླང་བྱ།

ཆ་རྐྱེན།

ཆོས་ཞུ་བ་ཚང་མས། ལོ་རིམ་གསུམ་གར་མཉམ་ཞུགས་ཐུབ་ངེས། ལོ་རེར་ཞག་པོ་དྲུག་རེ་སྒོམ་ཁྲིད་དུ་ཞུགས་ཐུབ་ངེས། ལོ་རེའི་ཉམས་ལེན་ཉིན་སྟར་ཆགས་ལག་ལེན་ཐུབ་ངེས། ཟླ་བ་སྟར་ཆགས་ལྟ་བུར་དྲྭ་ཐོག་ནས་དྲི་བ་དྲིས་ལན་དང་། སྐྱོར་ཁྲིད་ལ་མཉམ་ཞུགས་ཐུབ་ངེས་བཅས་དགོས།

དུས་ཚོད།

ཉམས་སུ་བླང་བྱ།

ཆ་རྐྱེན།

ཁྱོན་ལོ་རིམ་གསུམ། ལོ་རེར་སྒོམ་ཁྲིད་ཉིན་གྲངས་དྲུག །

ཉིན་རེར་སྒོམ་ཁྲིད་དང་སྒོམ་ཐུན་བཞི་རེ་བཅས་སོ།།

ད་ལྟ་ཐོ་འགོད་གྱིས།

ཚོགས་གནས།

མངའ་རིས་ནང་བསྟན་སློབ་གླིང། ས་ཕུད། གླེ་ལ་དྭགས།

Message us on WhatsApp

ད་དུང་གནས་ཚུལ་འབྲེལ་བ་བྱ་ཡུལ།

+916005413245

མཁན་པོ་རྒྱལ་མཚན་ཕུན་ཚོགས།

སྒོམ་ཁྲིད་གནང་མཁན།

མཚན། མཁན་པོ་རྒྱལ་མཚན་ཕུན་ཚོགས།
སྐྱེ་ཡུལ། ལ་དྭགས།
བཞུགས་ཡུལ། ཧི་མ་ཅལ་མངའ་ཁོངས་གདན་ས་དཔལ་སྤུངས་ཤེས་རབ་གླིང་།
ཉམས་མྱོང་། རྩོམ་སྒྲིག་དང་། དགེ་རྒན། ཕྱི་ནང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་སྒོམ་ཁྲིད་

Copyright © 2025 Path to Dharma - All Rights Reserved.

Powered by

This website uses cookies.

We use cookies to analyze website traffic and optimize your website experience. By accepting our use of cookies, your data will be aggregated with all other user data.

Accept